སློབ་སྟོན་ལྷན་ཚོགས།
སློབ་དཔོན་ཅིང་གཡའོ།
ཐའེ་ཝན་གྱི་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་རྒྱལ་ལོ་༤༣པར་ཅཱ་ཡི་(嘉義)རྫོང་ཁོངས་ཀྱི་ཡིས་ཀྲོ་(義竹)གྲོང་ཚོར་མིང་ཤུ་མིན་ཧེ་(徐明輝)ཞེས་པའི་བྱིས་པ་ཞིག་སྐྱེས། བྱིས་དུས་ནས་གཤིས་ཀ་རྩུབ་ཅིང་སྤྱོད་པར་མ་ཟད། གཞོན་དུས་ཀྱི་ལོ་ཟླ་དག་ཀྱང་ཁྲིམས་མེད་ལུགས་མེད་ཀྱི་ངང་བསྐྱེལ་བ་ཡིན། འོན་ཀྱང་། དམག་སྦྱོང་ལ་ཞུགས་པའི་རྗེས་ཤིག་ལ། ཉིན་ཞིག་གློ་བུར་ངེས་པ་རྙེད་དེ། རང་ཉིད་སྐྱེ་བོ་འཇོན་ཐང་ཅན་ཞིག་བྱེད་རྒྱུ་དང་། ཉི་ཟླ་ཕྲག་ཏུ་འཛིན་ཐུབ་པ། འཇིག་རྟེན་དབང་དུ་བསྡུ་ཐུབ་པ། འཛམ་གླིང་གི་ཁེ་ལས་པ་གྲགས་ཆེན་བཅུའི་ནང་ཚུད་ཐུབ་པ་ཞིག་བྱེད་རྒྱུ་ཡིན་ཞེས་དམ་བཅའ་ཆེན་པོ་ཞིག་སྙིང་ལ་བཅིངས། དཀའ་ངལ་ཡོད་ཚད་གདོང་ལེན་བྱས་ཏེ་མཐར་གོ་ལ་གསར་པའི་ཆེད་ལས་སློབ་ཆེན 世新大學 དུ་སློབ་ཞུགས་གནང་ཞིང་སློབ་མཐར་ཕྱིན་པར་མཛད། སློབ་མཐར་ཕྱིིན་རྗེས་རང་ཉིད་ཡིག་ངག་གཉིས་ཐད་ནས་ནུས་རྩལ་ཆེན་པོ་ཡོད་པ་ཞིག་ཏུ་གྱུར་བས་གསར་འགོད་ལས་རིགས་ལ་ཞུགས་ཤིང་། གསར་འགོད་པ་མིང་གྲགས་ཅན་ཞིག་ཏུའང་གྱུར། གསར་འགོད་ལས་རིགས་སྐབས་ཁོང་ནི་ཁྲིམས་མཐུན་དང་ཁྲིམས་འགལ་བའི་མི་སྣ་གྲགས་ཅན་ཀུན་ལ་འབྲེལ་བ་ཧ་ཅང་ཟབ། དགུང་ལོ་༢༦སྐབས་རླངས་འཁོར་དོན་རྐྱེན་ཞིག་ལ་བརྟེན་ནས་ཤི་གསོན་གྱི་སོ་མཚམས་སུ་ལུས་ན། མི་ཚེའི་རིན་ཐང་དང་དོན་སྙིང་སོགས་ལ་ཡང་བསྐྱར་བསམ་བློ་ནན་པོ་བཏང་སྟེ། ངེས་འབྱུང་དྲག་པོ་ཞིག་སྐྱེས་ནས་ཆོས་སྒོར་ཞུགས་ཤིང་དགུང་ལོ་༢༨ཐོག་དགེ་འདུན་གཱོང་ཧཱ་(廣化)མཆོག་གི་མདུན་ནས་དགེ་ཚུལ་གྱི་བསྡོམས་པ་བླངས་ནས་ཐར་པའི་སྒོ་ཆེན་ལེགས་པར་ཕྱེས་སོ།།
དེ་ལྟར་གསར་འགོད་ལས་རིགས་བཞག་སྟེ་ཆོས་སྒོར་ཞུགས་སྐབས་དཀའ་ངལ་ཞིག་དང་འཕྲད་པ་ནི། ཐོག་མའི་ཆར་དགེ་འདུན་གཱོང་ཧཱ་ལགས་ཀྱིས་ཁོང་གི་རེ་འདུན་དང་ལེན་མ་བྱས་པར། ཁོང་ལ་གསར་འགོད་ལས་རིགས་ཁྲོད་ཉེས་པ་མང་པོ་བསགས་པས་དགེ་ཚུལ་མ་བསྒྲུབས་པའི་ཡར་སྔོན་དུ་སངས་རྒྱས་གྱ་བརྒྱད་པའི་བཤགས་མདོ་ཁྲི་ཚར་གཅིག་ཐམས་པས་སྡིག་བཤགས་བྱེད་དགོས་ཞེས་བཀའ་བསྩལ་པར། ཁོང་གིས་བཤགས་མདོ་དེ་ཉིད་ཁྲི་ལྔ་ཐམས་པ་བསགས་ཏེ་བཤགས་པ་བྱས་པ་མ་ཟད་དགོན་པའི་ལས་ཀ་ཆེ་ཆུང་ཐམས་ཅད་དང་དུ་བླངས་ནས་ལེགས་པར་བསྒྲུབས། དེ་ནས་དགེ་འདུན་གཱོང་ཧཱ་ཡིས་ཁོང་ལ་དགེ་ཚུལ་བསྒྲུབས་གནང་བ་དང་། ཕྱི་ལོ་༡༩༨༤ལོ་ནས་བཟུང་བཤེས་གཉེན་ཡིན་ཤོན་(印順)གྱི་མཛུབ་སྟོན་འོག་ནང་པའི་གསུང་རབ་དག་ལ་སློབ་གཉེར་དང་ཞིབ་འཇུག་བྱས་ཤིང་། ཕྱི་ལོ་༢༠༡༣དང་༢༠༡༤ལོ་སོགས་སུ་དགེ་འདུན་ཤིན་ཡོན་(星雲)དང་རྒན་རབས་པ་ཡོན་ཀྲོང་(圓宗)རྣམ་གཉིས་ཀྱི་མདུན་ནས་རིམ་བཞིན་དམ་པའི་ཆོས་ཀྱི་གསན་བསམ་ལ་ཞུགས།
སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་བའི་བདེན་པ་རྣམས་འཛམ་གླིང་ས་ཕྱོགས་ཀུན་ལ་ཁྱབ་སྤེལ་བྱེད་འདོད་པའི་དབང་གིས་དགེ་འདུན་ཅིན་ཡོ་ལགས་ཀྱིས་ཕྱག་ལས་རླབས་ཆེན་འདིའི་ཐད་འབད་པ་དང་བརྩོན་འགྲུས་ཚད་མེད་བྱས་ཤིང་།བྱང་ཆུབ་སེམས་དཔའ་ཀྵིཏིགརྦྷ་ཡི་སེམས་བསྐྱེད་ཆེན་པོའི་ཚུལ་བཞིན་བདག་ཉིད་དམྱལ་བ་རུ་མིན་ན་སུ་ཡིན་ནམ་ཞེས་པ་ལྟ་བུའི་བསམ་བློ་རླབས་ཆེན་ཞིག་བཅངས་ཏེ།མིའི་རིགས་ལ་དམིགས་པའི་ནང་ཆོས་སམ་人間佛教ཞེས་པའི་ལྟ་གྲུབ་རྣམས་ཕྱག་ལེན་བྱས། བཙོན་ཁང་སོགས་སུ་ཕྱིན་ནས་བཙོན་པ་དག་ལ་སེམས་གསོ་དང་བདག་སྐྱོང་བྱེད་པའི་ཕྱག་ལས་སྣ་ཚོགས་གནང་ལ།དེ་བཞིན་དག་སྦྱོང་རིག་གནས་སློབ་གསོ་ཐེབས་རྩ་(淨化社會文教金會) དང་། རྒྱ་བརྒྱུད་ནང་པའི་སམནྟབྷདྲ་སྲུང་སྐྱོབ་ཚོགས་པ།(中華佛教普賢護法會) སམནྟབྷདྲ་སེམས་བསྐྱེད་རྒྱ་མཚོ་ཁྱིམ་ཚང་(普賢慈海家園)བཅས་ཆོས་ཚོགས་དུ་མ་ཞིག་ཀྱང་གསར་འཛུགས་གནང་བ་ཡིན།
ཕྱི་ལོ་༢༠༡༨ལོར་རྒྱ་ནག་ནང་བསྟན་ཚོགས་པའི་ཚོགས་གཙོར་འོས་འདེམས་བྱུང་ཡོད་པ་དང་། ཕྱི་ལོ་༢༠༡༩ལོར་སྐུ་ཚབ་ལྷན་ཚོགས་ཤིག་དང་ལྷན་ཝ་ཏི་ཁན་(Vatican)ལ་ཕྱིན་ཏེ། ཡེ་ཤུ་བླ་ཆེན་པོབ་དང་ཐུག་འཕྲད་ཀྱིས་ཆོས་ལུགས་དབུ་འཁྲིད་ཚོགས་ཆེན་ཞིག་སྐོང་འཚོགས་དགོས་སྐོར་གྲོས་མོལ་གནང་། ནང་བསྟན་རིག་གནས་དར་སྤེལ་ཆེད་ཐའེ་པེ་གྲོང་ཁྱེར་སྲིད་གཞུང་དང་མཉམ་འབྲེལ་གྱིས་ལོ་ལྟར་རྒྱལ་སྤྱིའི་སྟོན་པ་བཅོམ་ལྡན་འདས་ཀྱི་འཁྲུངས་སྐར་སྲུང་བརྩིའི་དུས་སྟོན་དང་། དེ་བཞིན་སྨན་ལྷ་རིག་གནས་དུས་སྟོན་བཅས་དུས་སྟོན་ཁག་དུ་མ་སྲུང་བརྩི་བྱེད་པའི་ལུགས་སྲོལ་བཙུགས་ཤིང་། ཁོར་ཡུག་སྲུང་སྐྱོབ་དང་འཚེ་བ་སྤོང་བ། སའི་གོ་ལ་བདག་སྐྱོང་། འཛམ་གླིང་ཞི་བདེ་སོགས་གཞན་ཕན་གྱི་ཕྱག་ལས་ནན་པོ་གནང་། འཇིག་རྟེན་པའི་ནང་ཆོས་人間佛教ལ་འགྲེལ་བརྗོད་ཡག་ཤོས་ཀྱང་ཁོང་གིས་གནང་ཐུབ་པ་ཡིན།
ཝང་ཤི་ཧྥང་།
ང་རང་ཀོའོ་ཤོང་པ་(Kaohsiung)ཞིག་ཡིན། སློབ་གཉེར་གྱི་རྒྱུད་རིམ་ལ་མཚོན་ན། ཀོའོ་ཤོང་སུ་རེན་སྨན་སློབ་(Kaohsiung Shuren Medical College)ཀྱི་སླར་གསོ་ཚན་ཁག་(Rehabilitation Department)ནས་སློབ་མཐར་ཕྱིན། ལས་གནས་སོགས་འགན་ཁུར་གང་དག་བཞེས་དང་བཞེས་མུས་སྐོར་ལ། དེ་སྔོན་ཡོང་ཧེ་གུང་ཤིན་སྨན་ཁང་(Yonghe Gengxin Hospital)དང་ཀའེ་ཤིན་སྤྱི་མཐུན་སྨད་དཔྱད་ཁང་(Kai Shing United Clinic)སོགས་སུ་ལས་གནས་གཉེར་མྱོང་བ་དང་། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཐེངས་གསུམ་པའི་སྤྱི་ཁྱབ་དྲུང་ཆེན་གྱི་ལས་འགན་ཡང་བཞེས་མྱོང་། དེ་བཞིན། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཐེངས་བཞི་པའི་གཙོ་འཛིན་གྱི་ལས་འགན་ཡང་བཞེས་མྱོང་པ་ཡིན། ད་ལྟ་ཆང་གུང་སྐྱེ་དངོས་བཟོ་རྩལ་ལུས་སེམས་འགྱུར་བཅོས་ལྟེ་གནས་ཁང་(Chang Gung Biotechnology Body-Mind Transformation Centre)གི་གསོ་དཔྱད་པའི་ལས་འགན་བཞེས་མུས་ཡིན།
ཀྲང་ཤའུ་ཀྲིན།
སྤྱི་ལོ་༡༩༧༩ལོར་ཐའེ་ཝན་རྒྱལ་ཡོངས་སློབ་ཆེན་(National Taiwan University)གྱི་ཁྲིམས་ལུགས་སྡེ་ཚན་(Faculty of Law)ནས་སློབ་མཐར་ཕྱིན་ཅིང་། དཔལ་འབྱོར་ལྷན་ཁང་(Ministry of Economic Affairs)གི་བསྐྱར་ཞུ་ཚོགས་ཆུང་(Appeal Committee)དུ་ལས་གནས་བཞེས། ཆུང་དུས་ནས་སྐྱེ་རྒ་ན་འཆི་སོགས་དང་འཇིག་རྟེན་གྱི་གནས་ལུགས་སྣ་ཚོགས་ལ་བསམ་བློ་གཏོང་རྒྱུར་ཧ་ཅང་དགའ་པའི་རྐྱེན་གྱིས་བསམ་གཞིག་གི་སྒོ་མོ་ཡངས་པར་ཕྱེས་ཤིང་བསམ་གཞིག་གི་རིག་གནས་སྣ་ཚོགས་ལ་མྱོང་རོལ་བྱེད་ཐུབ་པ་བྱུང་། སྤྱི་ལོ་༡༩༩༦ལོར་ཐེག་ཆེན་ནང་བསྟན་གྱི་ལྟ་གྲུབ་ལ་སློབ་གཉེར་བྱེད་པའི་འགོ་བརྩམས་པ་ཡིན། དེ་ནས་བཟུང་བྱང་སེམས་ལམ་འབྲས་སོགས་དང་འབྲེལ་བའི་མདོ་དང་བསྟན་བཅོས་ཀུན་ལ་རིས་མེད་ཀྱི་སྒོ་ནས་སློབ་གཉེར་བྱས། དེ་བཞིན། རང་ཉིད་སྒོམ་སྒྲུབ་སོགས་ལའང་དོ་སྣང་ཆེན་པོ་ཡོད་རྐྱེན་དགོན་པའི་བསམ་གཏན་སྒོམ་སྒྲུབ་ཀྱི་ལས་འགུལ་(Zen Retreat)ལའང་ཐེངས་འགར་ཞུགས་མྱོང་ཡོད། སྤྱི་ལོ་༢༠༠༥ལོ་ནས་བཟུང་ཤེས་རབ་གླིང་གི་ཚེ་རིང་རིན་པོ་ཆེའི་དྲུང་ནས་བོད་བརྒྱུད་ནང་བསྟན་ལ་སློབ་གཉེར་འབད་བརྩོན་བྱས། སྤྱི་ལོ་༢༠༠༩ལོར་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་གསར་འཛུགས་བྱེད་པར་དགེ་བའི་བཤེས་གཉེན་ཁོང་ལ་ཞབས་ཕྱི་སྒྲུབ་པའི་སྐུལ་བཟང་ཐོབ་ཅིང་། རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གཙོ་འཛིན་དང་པོའི་ལས་འགན་ཡང་བཞེས། རྗེས་སུ་ཤེས་རབ་གླིང་སྒྲུབ་སྦྱོང་ཁང་(Banruo Forest Xinchu Centre)དུ་ཡུན་རིང་ལས་ཀ་བྱས་ཤིང་དེ་གའི་སྒོམ་སྒྲུབ་སློབ་སྟོན་པའང་བྱས། དེ་མཚུངས་ཀྱིས་སློབ་གཉེར་ཁང་དང་འབྲེལ་བའི་ཚོགས་འདུ་དང་དཔེ་ཚོགས། སྤྱིན་ཡོན་གྱི་ལས་རིགས་སོགས་ལའང་འགན་ཁུར་བཞེས་པ་ཡིན།
ལི་ཇིང་ཏོང་།
ཤེས་ཡོན་གྱི་གནས་ཚད། ༡ དབྱིན་ཡུལ་གྱི་ཨང་ལི་སི་ཀིན་སློབ་ཆེན་(Angliskin University)ནས་དཔལ་འབྱོར་དང་དོ་དམ་རིག་པའི་(Economics and Management)ཐོག་ཞིབ་འཇུག་པའི་སློབ་མཐར་ཕྱིན། ༢ ཐེན་ཅིན་གྱི་ནན་ཁེ་སློབ་ཆེན་(Nankai University)གྱི་ཁྲིམས་ལུགས་སྡེ་ཚན་ནས་འབུམ་རམས་པའི་མཚན་གནས་ཐོབ། ད་ལྟའི་ལས་གནས། ༡ འཛམ་གླིང་ཧི་ཝཱ་ཚོགས་པའི་(World Hiwa Society)རྒྱལ་སྤྱིའི་མཐུན་ཚོགས་(Global Committee)ཀྱི་ཚོགས་གཙོའི་ལས་འགན་བཞེས་མུས་ཡིན། དེ་སྔོན་གྱི་ལས་གནས། ༡ ཧི་ལོན་ནང་བསྟན་ཚོགས་འདུ་ཆེན་མོའི་(Huilun Buddhist Seminar)དྲུང་ཆེན་གྱི་ལས་འགན་བཞེས་མྱོང་བ། ༢ ཐའེ་ཝན་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་(International Tibetan Buddhism Research Association)ཚོགས་གཙོ་ཐེངས་གཉིས་བྱས། (ཐེངས་དང་པོ་དང་གཉིས་པ་གཉིས)
ཝུ་ཤུ་ཧྤན།
ཤེས་ཡོན་གྱི་གནས་ཚད། ༡ ཀོའོ་ཤོང་སྨན་སློབ་(Kaohsiung Medical University)ཀྱི་སྨན་གྱི་སླར་གསོ་ཚན་ཁག་(Department of Rehabilitation Medicine)ནས་ལུས་ཁམས་གསོ་དཔྱད་(Physical Therapy)ཀྱི་སློབ་མཐར་ཕྱིན། ༢ ད་ལྟ་ཐའེ་པའེ་སྨན་སློབ་(Taipei Medical University)ཀྱི་སྨན་བཅོས་སྨན་གྱི་སློབ་གཉེར་ཁང་(Institute of Clinical Medicine)དུ་སློབ་གཉེར་བྱེད་མུས་ཡིན། ད་ལྟའི་ལས་གནས། ༡ ལེ་ཤིང་ཤིང་(Le Xiang Xiang Co., Ltd.)ལས་ཁུངས་ཀྱི་སྤྱི་ཁྱབ་དོ་དམ་པ། ༢ ངོས་འཛིན་ཡོད་པའི་གསོ་དཔྱད་པ། ༣ གྲོང་ཁྱེར་ཐའེ་པའེ་(Taipei)རུ་རྟེན་གཞི་བྱས་པའི་ལོང་ཆེན་བྷོ་ཏི་ནང་བསྟན་ཚོགས་པའི་(Longqin Bodhi Buddhist Association)འགན་འཛིན།. དེ་སྔོན་གྱི་ལས་གནས། ༡ ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གཙོ་འཛིན་གྱི་ལས་གནས་བཞེས་མྱོང་བ། (༢༠༡༡ལོ་ནས་༢༠༡༣ལོ་བར) ༢ ཀ་ཐོག་རིག་འཛིན་སྟོང་གཏེར་ཚོགས་པའི་ནང་བསྟན་ཞིབ་འཇུག་སྡེ་ཚན་(Institute of Buddhist Studies)གྱི་འགན་འཛིན་བྱས། (༢༠༠༩ལོ་ནས་༢༠༡༡ལོ་བར)