ENzhbo

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཚོགས་པ།

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་
ནང་བསྟན་ཚོགས་པ།

Overview

ཚོགས་པའི་དམིགས་ཡུལ་དང་སྒྲིག་གཞི།

ཚོགས་པའི་དམིགས་ཡུལ།


ཚོགས་པ་འདིའི་དམིགས་ཡུལ་ནི། རིས་མེད་རྒྱལ་བསྟན་སྤྱི་དང་ཁྱད་པར་ཐའེ་ཝན་གྱི་སྤྱི་ཚོགས་སུ་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱོགས་ལ་སྐུལ་འདེད་དང་དར་སྤེལ་གྱི་ནུས་པ་འདོན་རྒྱུ་དང་། ས་གནས་ཀྱི་ནང་པའི་ཆོས་བརྒྱུད་གཞན་དང་། ཐའེ་ཝན་མི་མང་བར་གྱི་མཐུན་ལམ་དང་མཉམ་འབྲེལ་གྱི་ནུས་ཤུགས་གོང་དུ་སྤེལ་རྒྱུ། བོད་བརྒྱུད་ནང་བསྟན་ལ་མ་རྟོགས་དང་ལོག་རྟོག་གྱི་དབང་གིས་སྤྱི་ཚོགས་ཐོག་ཏུ་བོད་བརྒྱུད་ནང་བསྟན་ལ་གོ་ནོར་ཐེབས་གཞིར་གྱུར་པའི་བྱ་བ་དང་སྣང་ཚུལ་ཁག་ལ་དུས་ནས་དུས་སུ་ནོར་བ་ཡོ་བསྲངས་ཀྱིས་ཡང་དག་པའི་གོ་རྟོགས་སྤེལ་རྒྱུ། དེ་བཞིན་བོད་བརྒྱུད་ནང་བསྟན་འདི་ཉིད་ཁ་ཡོད་ལག་ཡོད་ཀྱི་སྤྱི་ཚོགས་ཀྱི་ཞི་བདེ་དང་གཞན་ཕན་གྱི་ནུས་སྟོབས་ཤིག་ཏུ་བསྒྱུར་རྒྱུ་བཅས་ཡིན།

ཚོགས་པའི་ཚོགས་མིའི་ཆ་རྐྱེན

ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཆ་རྐྱེན།


གཅིག༽གངས་ལྗོངས་རིས་མེད་ཀྱི་ཆོས་བརྒྱུད་དག་ལ་དད་པ་དང་དག་སྣང་ཡོད་པར་མ་ཟད། རིས་མེད་རྒྱལ་བསྟན་སྤྱིའི་མཐུན་ལམ་དང་མཉམ་འབྲེལ་སྐུལ་འདེད་ཐད་ཕྱག་ལས་གནང་རྒྱུའི་ཐུགས་འདོད་ཡོད་པ། གཉིས།༽ ཞིབ་འཇུག་ཚོགས་པའི་དམིགས་ཡུལ་དང་ལངས་ཕྱོགས་སྤྱི་ལ་མོས་མཐུན་ཡོད་པ། ཚོགས་གཙོ་དང་རྒྱུན་ལས་གཞན་དང་མཉམ་དུ་མཉམ་འབྲེལ་གྱི་ཕྱག་ལས་གནང་རྒྱུར་ཐུགས་མོས་ཆ་ཚང་ཡོད་པ། གསུམ།༽ ཞིབ་འཇུག་ཚོགས་པའི་བྱེད་སྒོ་ཅི་རིགས་ལ་མཉམ་ཞུགས་སོགས་ཀྱིས་ཚོགས་པ་ལ་རྒྱུས་མངའ་ཡོད་པ། བཞི།༽ རང་གི་སྒེར་གྱི་མིང་དང་ཁེ་ཕན་སོགས་ཀྱི་ཆེད་དངོས་ཤུགས་བརྒྱུད་གསུམ་ནས་ཞིབ་འཇུག་ཚོགས་པ་བེད་སྤྱོད་མི་བྱེད་པའི་ཡང་དག་པའི་ལངས་ཕྱོགས་བརྟན་པ། ལྔ་།༽ ཐའེ་ཝན་གྱི་སྤྱི་ཚོགས་སུ་ཆོས་ཚོགས་དང་སློབ་མ་ཡོད་པ་སོགས་ཀྱིས་ས་གནས་འདིར་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་བའི་ཕྱག་ལས་གནང་དང་གནང་བཞིན་པའི་བླ་མ་དགེ་བའི་བཤེས་གཉེན་དང་རབ་སྔགས་གང་རུང་གི་སྡེར་གཏོགས་པ།  དྲུག༽ ཞིབ་འཇུག་ཚོགས་པའི་རིན་པོ་ཆེ་གང་རུང་ཞིག་གིས་འོས་སྦྱོར་གནང་བ་དང་། དེ་དང་འབྲེལ་ནས་འགན་འཛིན་ལྷན་ཚོགས་མང་མོས་ཀྱིས་ཚོགས་ཞུགས་གནང་རྒྱུར་རྒྱབ་སྐྱོར་ཐོབ་པ་ཞིག་བཅས་དགོས། འགན་འཛིན་ལྷན་ཚོགས་ཚོགས་གཙོ་སྟེ་ཞིབ་འཇུག་ཚོགས་པའི་གཙོ་འཛིན།གོང་གསལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་ཆ་རྐྱེན་གཞིར་བཞག་ཐོག །འགན་འཛིན་ལྷན་ཚོགས་ཀྱིས་མང་མོས་འདེམས་ཐོན་བྱུང་བ་ཞིག་དགོས།

ཞིབ་འཇུག་ཚོགས་པའི་ལས་དོན་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་འདོད་ཡོད་པ་དང་། ཚོགས་དངུལ་དུས་ཐོག་ཏུ་འབུལ་ཐུབ་པ། ཚོགས་པའི་སྒྲིག་གཞི་དང་དམིགས་ཡུལ་ལ་གུས་བཀུར་ཞུ་ཐུབ་པ་ཞིག་བཅས་ཡིན་དགོས། ཚོགས་དངུལ་དང་འབུལ་ཕྱོགས་སོགས་ལམ་སྟོན་ལོགས་སུ་གསལ་བ་ལྟར་ཡིན།

ཚོགས་པའི་འཛིན་སྐྱོང་རྒྱུན་ལས་ཀྱི་ཚོགས་མིའི་ཆ་རྐྱེན་དང་བསྐོ་བཞག

གཅིག༽ གངས་ལྗོངས་རིས་མེད་ཀྱི་ཆོས་བརྒྱུད་དག་ལ་དད་པ་དང་དག་སྣང་ཡོད་པ།  གཉིས།༽ རིས་མེད་རྒྱལ་བསྟན་སྤྱིའི་མཐུན་ལམ་དང་མཉམ་འབྲེལ་སྐུལ་འདེད་ཐད་ཞབས་ཏོག་ཞུ་རྒྱུའི་འདོད་པ་ཡོད་པ། གསུམ།༽ ཞིབ་འཇུག་ཚོགས་པའི་དམིགས་ཡུལ་དང་ལངས་ཕྱོགས་སྤྱི་ལ་མོས་མཐུན་ཡོད་པ།  བཞི།༽རྒྱུན་ལས་གཞན་དང་མཉམ་དུ་མཉམ་འབྲེལ་གྱི་ཕྱག་ལས་གནང་རྒྱུར་ཐུགས་མོས་ཆ་ཚང་ཡོད་པ།  ལྔ་།༽འགན་འཛིན་ལྷན་ཚོགས་ཀྱི་གཙོ་བོའི་དབུ་ཁྲིད་ལ་མོས་མཐུན་ཡོད་པ། ལྔ་།༽འགན་འཛིན་ལྷན་ཚོགས་ཀྱི་གཙོ་བའི་དབུ་ཁྲིད་ལ་མོས་མཐུན་ཡོད་པ། དྲུག༽ཞིབ་འཇུག་ཚོགས་པའི་བྱེད་སྒོ་ཅི་རིགས་ལ་མཉམ་ཞུགས་སོགས་ཀྱིས་ཚོགས་པ་ལ་རྒྱུས་མངའ་ཡོད་པ།  བདུན༽ རང་གི་སྒེར་གྱི་མིང་དང་ཁེ་ཕན་སོགས་ཀྱི་ཆེད་དངོས་ཤུགས་བརྒྱུད་གསུམ་ནས་ཞིབ་འཇུག་ཚོགས་པ་བེད་སྤྱོད་མི་བྱེད་པའི་ཡང་དག་པའི་ལངས་ཕྱོགས་བརྟན་པ།  བརྒྱད།༽འགན་འཛིན་ལྷན་ཚོགས་ཀྱིས་མང་མོས་རྒྱབ་སྐྱོར་དང་འབྲེལ་བའི་ཐོག་ནས་བསྐོ་བཞག་བྱུང་བ་ཞིག་དགོས།

ལས་འཛིན་ལྷན་ཚོགས་པ།


གཅིག༽ ལས་འཛིན་ཚོགས་གཙོ་ནི་འགན་འཛིན་ཚོགས་གཙོའི་དབུས་པའི་འགན་འཛིན་ལྷན་ཚོགས་ཀྱིས་མང་མོས་རྒྱབ་གཉེར་དང་མོས་མཐུན་ཡོད་པའི་གྲུབ་ཆ་ཞིག་ཡིན་དགོས།  གཉིས།༽ ལས་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་སུམ་ཆ་གཉིས་ཙམ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་དག་གི་ཆོས་ཚོགས་ནས་བསྐོ་བཞག་དགོས།

ལས་འཛིན་ལྟ་ཞིབ་ཚོགས་པ།


ལས་འཛིན་ལྟ་ཞིབ་ཚོགས་པའི་གྲུབ་ཆའི་ཡོང་ཁུངས་ཀྱང་ཚོགས་པ་དང་འབྲེལ་བའི་ས་གནས་ཀྱི་ཁྲིམས་སྒྲིག་གཞིར་བཞག་ཐོག །འགན་འཛིན་ལྷན་ཚོགས་ཀྱི་ཆོས་ཚོགས་དག་ནས་ཆ་མཉམ་བགོ་འགྲེམས་ཀྱིས་ཆ་ཤས་ལེན་དགོས།

ལས་འཛིན་ཚོགས་གཙོ།


འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོས་དམིགས་འཛུགས་བྱས་པའམ། མང་མོས་ཀྱིས་འོས་སྦྱོར་བྱས་པ་ཞིག་ལ། འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་བརྒྱ་ཆ་མང་ཤོས་ཀྱིས་རྒྱབ་སྐྱོར་ཐོབ་པ་ཞིག་དགོས།

ཞིབ་ཚོགས་ཀྱི་དབང་ཆའི་ཁྱབ་ཚད་དང་ལས་དོན་ཐག་བཅོད་བྱེད་ཕྱོགས།


གཅིག༽ ཞིབ་འཇུག་ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོའམ་དབུ་འཛིན་ནི་ཞིབ་འཇུ ག་ཚོགས་པའི་ལས་དུས་དེའི་རིང་གི་དབང་ཚད་མཐོ་ཤོས་ཀྱི་གཙོ་བོའི་དབུ་ཁྲིད་ཡིན། གཉིས།༽འཛིན་སྐྱོང་དང་འབྲེལ་བའི་ལས་དོན་གལ་ཆེ་བ་ཁག་མང་མོས་གྲོས་བསྡུར་དང་སྙན་གསེང་བརྒྱུད་དབུ་འཛིན་ཀྱིས་ཐ་མའི་ཐག་གཅོད་བྱེད་ཆོག ། གསུམ།༽ སྤྱིར་བཏང་གི་ལོ་འཁོར་འཆར་འགོད་སོགས་འགན་འཛིན་ལྷན་ཚོགས་དང་ལས་འཛིན་ཚོགས་གཙོ་དང་ལས་འཛིན་རྒྱུན་ལས་གཞན་བཅས་ཐུན་མོང་གིས་གྲོ ས་བསྡུར་གྱིས་མང་མོས་བསམ་ཚུལ་ལ་བསྟུན་དགོས། བཞི།༽གཞུང་ལས་ཁང་དང་འབྲེལ་བའི་ལས་དོན་མང་ཆེ་བ་དང་། འཕྲལ་དུ་ཐག་གཅོད་དགོས་པའི་རིགས་བཅས་ལ་འགའན་འཛིན་ཚོགས་གཙོ་དང་ལས་འཛིན་ཚོགས་གཙོ་ཟུང་གིས་ཐག་བཅོད་གནང་ཆོག་མོད། གལ་ཏེ་བསམ་ཚུལ་མ་མཐུན་པ་བྱུང་ན་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོའི་ཐག་གཅོད་ཨང་དང་པོར་འཇོག་དགོས། ལྔ།༽ འགན་འཛིན་ལྷན་ཚོགས་ཀྱི་རིན་པོ་ཆེ་རྣམ་པའི་ཆོས་ཚོགས་ཁག་ལ་ཆ་མཉམ་དྲང་བདེན་གྱི་ལམ་ནས་ཞིབ་ཚོགས་དང་འབྲེལ་བའི་ལས་བགོས་སོགས་དབུ་འཛིན་དང་རྒྱུན་ལས་ཚོགས་གཙོ་ཐུན་མོང་གིས་འཆར་འགོད་བཀོད་ཁྱབ་གང་གནང་ལ། གལ་ཏེ་འགན་འཛིན་ལྷན་ཚོགས་ཀྱིས་མང་མོས་རྒྱབ་སྐྱོར་ཐོབ་ཕྱིན་ཚང་མས་ངེས་པར་རྩི་བཀུར་དང་ལེན་ཞུ་དགོས། དྲུག༽ འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་རིན་པོ་ཆེ་རྣམ་པའི་སློབ་མ་རེ་རེ་ངེས་པར་དུ་ས་གནས་ཀྱི་ཁྲིམས་སྒྲིག་ལྟར་ལས་འཛིན་ལྷན་ཚོགས་དང་ལས་འཛིན་ལྟ་ཞིབ་ལྷན་ཚོགས་ཀྱི་ཁོངས་སུ་འཛུལ་ཞུགས་དགོས། བདུན།༽རིན་པོ་ཆེ་རྣམ་པའི་སློབ་མ་དེ་དག་གིས་ཀྱང་ཚོགས་པའི་ལས་དོན་དང་འབྲེལ་བའི་བསམ་ཚུལ་འདོན་ཆོག ། བརྒྱད།༽ གཞུང་ལས་ཁང་གི་ལས་བྱེད་དོ་དམ་དང་འབྲེལ་བའི་ལས་ཀ་རིགས་རྒྱུན་ལས་ཚོགས་གཙོས་ཐད་ཀར་བཀོད་འདོམས་དང་འཛིན་སྐྱོང་བྱེད་དགོས།  དགུ།༽ དབུ་འཛིན་མི་བཞུགས་པའི་སྐབས་སུ་དབུ་འཛིན་གཞོན་པས་དབུ་འཛིན་ལས་ཚབ་བྱས་ནས་ལས་དོན་ལ་འགན་ཁུར་དགོས།  བཅུ།༽དངུལ་རྩིས་དང་འབྲེལ་བའི་ལས་དོན་དང་། གཏོང་ཡོང་གི་རྩིས་ཁྲ་ལ་དག་མཆན་འགོད་པ་སོགས་ཐའེ་ཝན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་ཁྲིམས་སྒྲིག་བཞིན་ངེས་པར་དུ་ཁྲིམས་ལྟར་ལག་ལེན་བྱ་དགོས། བཅུ་གཅིག༽ ཞིབ་འཇུག་ཚོགས་པའི་མིང་ཐོག་ནས་གཞན་ལ་རྒྱབ་གཉེར་དང་ངོས་སྦྱོར་སྤྲོད་པ། དེ་བཞིན་བླ་ཆེན་ཁག་ལ་ཆེ་མཐོང་གི་སྣེ་ལེན།ནང་པའི་ཆོས་བརྒྱུད་གཞན་དང་མཉམ་འབྲེལ་བྱེད་པ་སོགས་ངེས་པར་དུ་འགན་འཛིན་ལྷན་ཚོགས་ལ་སྙན་གསེང་ཞུས་པའི་ཐོག་ནས་གནང་དགོས།

འགན་འཛིན་ལྷན་ཚོགས་དང་ལས་དོན་ཚོགས་པའི་ལས་དུས།


གཅིག༽ འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ནི་སྤྱིར་བཏང་གི་ཆ་ནས་གཏན་འཇགས་ཚོགས་མི་ཡིན། གཉིས།༽ གལ་ཏེ་སྒེར་གྱི་གནས་སྟངས་ཀྱི་དཀའ་ངལ་དང་། ཡང་ན་འགན་འཛིན་ཚོགས་མི་གང་རུང་གིས་ཚོགས་པའི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་ཐོག་ནས་སྒྲིག་འགལ་ཚབས་ཆེན་བྱུང་བ་ལྟ་བུར་འགན་འཛིན་ལྷན་ཚོགས་ཀྱིས་ཚོགས་མི་གང་རུང་དེ་ཉིད་ལ་ལས་གནས་ནས་དགོངས་པ་ཞུ་དགོས་པའི་བླང་བྱ་འདོན་ཆོག ། གསུམ།༽འགན་འཛིན་ཚོགས་གཙོ་གཞོན་དང་། ལས་འཛིན་ཚོགས་གཙོ་དང་དྲུང་ཡིག་སོགས་སྤྱིར་བཏང་གི་ལས་དུས་ལོ་གཉིས་རེ་ཡིན་ཡང་། དམིགས་བསལ་འགན་འཛིན་ལྷན་ཚོགས་ཀྱི་མང་མོས་ཀྱི་ཐུགས་འདོད་དང་བསྟུན་ནས་ལས་ཡང་བསྐྱར་འདེམས་ཐོན་བྱུང་བ་ཡིན་ན་མུ་མཐུད་ཐེངས་གཉིས་རིང་ཚོགས་གཙོ་དང་ཚོགས་གཞོན་མུ་མཐུད་བྱེད་ཆོག  བཞི།༽ལས་འཛིན་རྒྱུན་ལས་དང་ལས་འཛིན་ལྟ་ཞིབ་ཀྱི་ཚོགས་མི་ནི་གལ་ཏེ་གྲུབ་ཆ་ཚང་བའི་རྒྱབ་གཉེར་འོག་མུ་མཐུད་ཐེངས་གཉིས་ལས་ཡུན་ལ་བར་མཉམ་ཞུགས་བྱ་ཆོག་ཀྱང་། ལས་ཡུན་ཐེངས་གཉིས་ལས་མང་བ་བར་མ་ེོད་པར་སུ་ཡང་མུ་མཐུད་བཞུགས་མི་ཆོག  ལྔ།༽ འགན་འཛིན་ལྷན་ཚོགས་དང་ལས་འཛིན་ལྷན་ཚོགས་ལས་འཛིན་ལྟ་ཞིབ་ཚོགས་པ་གང་ཡིན་ཡང་། ཚང་མ་ཞིབ་འཇུག་ཚོགས་པའི་ཚོགས་མི་ཡིན་པ་དང་། ཞིབ་འཇུག་ཚོགས་པའི་ཚོགས་མིའི་ཆ་རྐྱེན་ཚང་བ་ཞིག་ཡིན་དགོས།

གསལ་བཤད།


འདིར་མི་གསལ་བའི་རིགས་ཞིབ་འཇུག་ཚོགས་པའི་སྔར་སྲོལ་སྒྲིག་གཞི་འགྲོ་སྟངས་ལྟར་དང་། ཡང་ན་དུས་ནས་དུས་སུ་དྲ་ཐོག་དང་དངོས་སུ་མཉམ་འཛོམས་གང་རུང་གིས་མང་མོས་གཏན་ཁེལ་ལྟར་འགྲོ་དགོས།

ང་ཚོའི་གནས་ཚུལ་གསན་གཟིགས་ཆེད་གློག་འཕྲིན་ཁ་བྱང་གཤམ་དུ་གནང་རོགས།

Thank you! Your submission has been received!
Oops! Something went wrong while submitting the form.