དེ་མིན་རྩོམ་ཡིག་ཁག་དུ་མ་བྲིས་ཤིང་། དུས་དེབ་དང་ཚག་ཤོག་ཁག་ཏུ་སྤེལ། སྐབས་དང་སྐབས་སུ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་མཆོག་དང་། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེའི་དྲུང་ནས་ལམ་འབྲས་ཚར་རེ་དང་། དེ་བཞིན་དུ་༸སྐྱབས་མཆོག་༸ངོར་ཀླུ་ལྡིང་མཁན་ཆེན་ཁུ་དབོན་གྱི་མདུན་ནས་བཀའ་ཆོས་ཀྱི་བཀའ་དྲིན་མང་དུ་ཐོབ། ཉིས་སྟོང་ ༢༠༡༦ དང་ ༢༠༡༧ བོད་ཀྱི་གློག་བརྙན་འགྲན་སྡུར་ལས་བྱ་དགའ་ཨང་དང་པོ་དང་གསུམ་པ་ཐོབ། ད་དུང་གུས་པས་བྲིས་པའི་གཞས་ཚིག་འགའ་ཞིག་བོད་ཀྱི་གཞས་པ་གྲགས་ཅན་ཤེར་བརྟན་དང་སྒྲོལ་མ་སྐྱབས། དེ་མིན་གླུ་དབྱངས་ཀྱི་གདངས་བཟོ་བ་དང་། གློག་བརྙན་སྒྲིག་སྦྱོར། གློག་བརྙན་གྱི་འཁྲབ་ཁྲིད་བྱེད་པར་ཧ་ཅང་དགའ། སྤྱི་ལོ་༢༠༡༩ ལོར་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རིན་པོ་ཆེ་དང་། ༧སྐྱབས་མཆོག་༧ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་རྣམ་པ་གཉིས་ནས་མཁན་པོའི་མཚན་གནས་བསྩལ།
༢༠༠༩ ནས་ ༢༠༡༨ བར་མི་ལོ་ཧྲིལ་པོ་དགུའི་རིང་ལ་གུང་གསེང་བར་གསེང་བརྗེད་ལ་ཁད་ཀྱིས་རྒྱུད་བཤད་ཀུན་བཏུས་གླེགས་བམ་༡༡༦ གློག་ཀླད་དུ་འབྲི་འཇུག་དང་ཞུ་སྒྲིག་གཅིག་ལྕོགས་ཀྱི་འགན་ཁུར་བྱས། དེ་ལྟར་གླེགས་བམ་༡༡༦ པོ་ཕལ་ཆེར་གུས་པ་རང་ཉིད་ཀྱིས་ཚར་གྲངས་ ༤ ནས་ ༧ བཀླགས ༢༠༡༩ ལོ་མགོར་པར་སྐྲུན་ལེགས་གྲུབ་ཀྱིས། ༸གོང་ས་རྒྱལ་བའི་དབང་པོ་མཆོག་དང་། ༸སྐྱབས་མགོན་ས་སྐྱ་༸གོང་ཡབ་སྲས་དང་ དཔལ་རྒྱལ་བ་ཀརྨ་པ་རྣམ་པས་དབུས་བོད་ཀྱི་བླ་ཆེན་རྣམས་དང་། དེ་མིན་དགོན་སྡེ་ཁག་དང་དཔེ་མཛོད་ཁག་ལ་འགྲེལ་སྤེལ་ཞུས། ལས་གཞི་འདིའི་མགོ་མཇུག་བར་གསུམ་གྱི་རྒྱུ་སྦྱོར་ཡོན་བདག་ངོར་ཀླུ་ལྡིང་བླ་བྲང་ནས་མཛད། ཞོར་དུ་དཔལ་ས་སྐྱའི་གསང་ཆེན་རྒྱུད་ཀྱི་བཤད་གྲྭའི་མཁན་ཆེན་དཔལ་ལྡན་བཟང་པོ་དང་། མཁན་ཆེན་དཀོན་མཆོག་རྒྱལ་མཚན་གྱི་དྲུང་ནས། རྒྱུད་བཤད་དག་ལ་ཐོས་བསམ་བྱས། ཁོམ་དུས་དང་བསྟུན་ནས་༸སྐྱབས་རྗེ་ཁང་གསར་ཞབས་དྲུང་རིན་པོ་ཆེ་གཙོས་པའི་སློབ་གཉེར་བ་རྣམས་ལ་སུམ་རྟགས་རིག་གནས་ཀྱི་སློབ་ཁྲིད་ཀྱང་བྱས། ཞར་དང་ཞོར་དུ་༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་སོགས་གློ་བརྙན་བཟོ་མཁན་འགའ་རེའི་མདུན་ནས་གློག་བརྙན་ཟབ་སྦྱོང་ཐེངས་འགའ་ཤས་བྱས། ད་དུང་སུམ་རྟགས་ཀྱི་འགྲེལ་བ་དང་།