སྤྱི་ལོ་༢༠༢༡ ཟླ་ ༡༢ ཚེས་༡༩ ཉིན་ཐའེ་པེར་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་དང་(行政指導委員會)ལས་འཛིན་ལྷན་ཚོགས་(理事會)ཀྱི་ཚོགས་གཙོ་དང་ཚོགས་གཞོན་ལས་འཛིན་ཁོངས་མི་བཅས་གསར་འདེམས་དང་བསྐྱར་བསྐོ་སོགས་ཀྱི་ལས་དོན་ཚོགས་འདུ་འཚོགས་ཞིང་། ཚོགས་འདུའི་ཐོག་ཏུ་སྐབས་དྲུག་པའི་ཞིབ་འཇུག་ཚོགས་པའི་འགན་འཛིན་ཚོགས་གཙོ་མཁན་པོ་འཇིགས་མེད་རྣམ་རྒྱལ་མཆོག་སླར་ཡང་ཞིབ་འཇུག་ཚོགས་པའི་ཚོགས་མི་ཐུན་མོང་གི་རེ་འདུན་དང་། ཞིབ་ཚོགས་ཀྱི་སྒྲིག་གཞི་གཞིར་བཟུང་གིས་སྐབས་བདུན་པའི་ཞིབ་འཇུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དུ་བསྐྱར་དུ་བསྐོ་བཞག་ཞུས། སྐབས་དྲུག་པའི་ཚོགས་གཞོན་སྒྲུབ་དཔོན་བསོད་ནམས་ཉི་མ་མཆོག་ལས་དུས་ཚང་བའི་ཚབ་ཏུ་དགེ་བཤེས་སྣང་སྣང་མཆོག་དང་། མཁན་པོ་ངག་དབང་མཁས་གྲུབ་གཉིས་ཚོགས་གཞོན་དུ་བསྐོ་བཞག་བྱུང་། ཚོགས་གཞོན་གཉིས་བསྐོ་བཞག་ཞུས་པ་འདི་ཞིབ་འཇུག་ཚོགས་པའི་ལོ་རྒྱུས་ནང་ད་ཐེངས་ཐོག་མ་ཆགས་ཀྱི་ཡོད་ཅིང་། དེ་ནི་འབྱུང་འགྱུར་གྱི་ལས་འཆར་ཁག་ལག་བསྟར་ཡོང་བར་འགན་འཛིན་ཚོགས་གཙོར་སྔར་ལས་ལྷག་པའི་གཞོགས་འདེགས་ཡོང་བའི་ཆེད་དུ་དམིགས་ཡོད། དེ་བཞིན་ལས་འཛིན་ཚོགས་གཙོ་དང་དྲུང་ཆེ་གསར་པ་བསྐྱར་བསྐོ་ཞུས་ཞིང་། སྐབས་སྔ་མའི་ཚོགས་གཙོ ་ཅང་གོ་ཐའེ་(理事長江國泰
)ཡི་ཚབ་ཏུ། ལས་འཛིན་ཚོགས་གཙོ་གསར་པ理事長顏巧茹 དང་། སྔར་གྱི་དྲུང་ཡིག་ཞེ་པའོ་ཐེང་秘書長謝寶婷
གྱི་ཚབ་ཏུ་དྲུང་ཡིག་གསར་པ་ལིན་ཡུའུ་ཁྲང་(秘書長林鈺棠) རྣམ་གཉིས་འདེམས་ཐོན་བསྐོ་བཞག་བྱུང་ཡོད་པ་དང་། ཁོང་རྣམ་པས་ཀྱང་གང་མགྱོགས་ལས་འཁུར་གཏན་ཁེལ་ཡོད།
ཞིབ་འཇུག་ཚོགས་པ་ནི་ཐའེ་ཝན་གྱི་རྒྱལ་ཡོངས་རང་བཞིན་གྱི་གཞུང་འབྲེལ་ངོས་ལེན་ཡོད་པའི་བོད་བརྒྱུད་ནང་པའི་ཚོགས་པ་ཞིག་ཡིན་པ་དང་། འགན་འཛིན་གྱི་ཚོགས་མིའི་ཡོང་ཁོངས་ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་སློབ་དཔོན་སོགས་ཡིན་པ་ལྟར། ལས་འཛིན་གྱི་གྲུབ་ཆའང་ཐའེ་ཝན་རང་གི་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་གི་སློབ་མ་རྣམས་ཀྱིས་དང་བླངས་ཀྱིས་ལས་འགན་འཁུར་བཞིན་ཡོད་པ་རེད།