སྤྱི་ལོ་ ༢༠༡༤ ཟླ་༥ ཚེས་༤ ཉིན་ཏཱ་ཨན་སྤྱི་གླིང་དུ་སྟོན་པའི་འཁྲུངས་སྐར་གོ་སྒྲིག་ཞུས་ཞིང་། དེ་ནི་བོད་བརྒྱུད་ནང་བསྟན་སྤྱིའི་ཐུན་མོང་གི་ཐོག་ནས་སྟོན་པ་བཀའ་དྲིན་ཅན་གྱི་འཁྲུངས་སྐར་སྲུང་བརྩི་ཞུས་པ་ཞིག་ཡིན། དེར་དགེ་འདུན་པས་ཞལ་འདོན་དང་། སྒྱུ་རྩལ་དང་འགྲེལ་བའི་འཁྲབ་སྟོན་འདྲ་མིན་སོགས་ཀྱི་ལམ་ནས་སྟོན་པའི་བཀའ་དྲིན་རྗེས་སུ་དྲན་པར་བྱས་ཡོད།