ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཚོགས་པ།

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་
བསྟན་ཚོགས་པ།

EN中文བོད
More
Overview

སྤྱི་ལོ་༢༠༡༩ལོའི་ཟླ་༡༠ཚེས་༥་ཉིན་ལོ་རྒྱུས་རང་བཞིན་ཅན་གྱི་ནང་བསྟན་བརྒྱུད་པ་གསུམ་བགྲོ་གླེང་ཚོགས་ཆེན་དེ་དབུ་ཚུགས། དེ་ཡང་རྒྱ་བརྒྱུད་ནང་བསྟན་འཐུས་ཚབ་ཐའེ་པེ་གསར་པའི་ནང་བསྟན་མཐུན་ཚོགས།(新北佛敎會) ལྷོ་བརྒྱུད་ནང་བསྟན་གྱི་འཐུས་ཚབ་དྷརྨ་ཀཱ་ཡ་དགོན་པ་(台灣法身寺)དང་། ཐའེ་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་(國際藏研會)བཅས་ཀྱིས་ལྷན་དུ་གོ་སྒྲིག་བྱས་ཤིང་འཛམ་གླིང་ཡུལ་གྲུ་གང་ས་ནས་མཁས་དབང་དང་སློབ་དཔོན་དང་མཁས་པ། མཁན་སྤྲུལ་དགེ་བཤེས་སོགས་མགྲོན་འབོད་ཀྱིས་ཚོགས་ཆེན་དངོས་སུ་དབུ་འཛུགས་མཛད། ཚོགས་ཆེན་དེར་ཐའེ་ཝན་རྒྱལ་ཡོངས་ནང་པའི་ཚོགས་གཙོ་སློབ་དཔོན་ཅིང་གཡའོ་མཆོག་དང་། དེ་བཞིན་ལྷོ་བརྒྱུད་ནང་བསྟན་དང་། བོད་བརྒྱུད་ནང་བསྟན་བཅས་བརྒྱུད་པ་ཁག་སོ་སོ་ནས་མཁས་དབང་རྣམ་པ་ལྔ་པོ་ནས་སོ་སོའི་ལྟ་གྲུབ་ངོ་སྤྲོད་དང་འགྲེལ་བཤད་གནང་སྟེ་དྲི་བ་ལ་ལན་འདེབས་མཛད།  དེ་ལྟར་རྒྱལ་སྤྱི་རང་བཞིན་ཅན་གྱི་བགྲོ་གླེང་ཚོགས་ཆེན་དེར་ལོ་ཙཱ་བ། དགེ་རྒན། སློབ་ཕྲུག དགེ་འདུན་པ་དང་བཙུན་མ་དོན་གཉེར་ཅན་རྣམ་པས་བཅས་ཚོགས་ཞུགས་བཞི་བརྒྱ་ལྷག་ཙམ་མཉམ་ཞུགས་གནང་སྟེ། དྲི་བ་དང་དྲི་ལན་གྱི་ལམ་ནས་བགྲོ་གླེང་ལྷུག་པོར་གནང་ཡོད།

ང་ཚོའི་གནས་ཚུལ་གསན་གཟིགས་ཆེད་གློག་འཕྲིན་ཁ་བྱང་གཤམ་དུ་གནང་རོགས།

Thank you! Your submission has been received!
Oops! Something went wrong while submitting the form.