སྤྱི་ལོ་ ༢༠༡༡ ལོར་བཤད་གྲྭའི་སྐྱོར་དཔོན་བསྐོས། ༢༠༡༢ ལོར་ཚད་མའི་དགེ་རྒན་དང་། ༢༠༡༣ ལོར་མངོན་པ་མཛོད་ཀྱི་དགེ་རྒན། ༢༠༡༤ ལོར་དབུ་མ་གོང་མའི་དགེ་རྒན། ༢༠༡༥ ལོར་ཚད་མ་རྣམ་འགྲེལ་གྱི་དགེ་རྒན། ༢༠༡༦ མངོན་པ་མཛོད་ཀྱི་དཔེ་ཁྲིད་དགེ་རྒན་བྱས་ཤིང་། ལོ་དེར་རྒྱལ་དབང་ཀརྨ་པ་མཆོག་ཕྱག་ནས་མཁན་པོའི་མཚན་གནས་གནང་། བཤད་གྲྭའི་དཔེ་ཁྲིད་དགེ་རྒན་བྱས་པའི་རིང་ཞོར་དུ་བཤད་གྲྭའི་དངུལ་གཉེར་ལོ་ ༤ དང་། འཛིན་གྲྭའི་གོང་འོག་གི་རྟགས་བསལ་འགྲན་བསྡུར་གོ་སྒྲིག་གི་འགན་འཛིན་གྱི་ལས་དོན་ལོ་ ༣ དང་། ཡིག་ཚད་ཚོགས་ཆུང་གི་འགན་འཛིན་གྱི་ལས་དོན་ལོ་ ༡ བྱས། ༢༠༡༧ ལོར་སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་དང་། བཤད་གྲྭའི་ལས་ཐོག་མཁན་པོའི་མདུན་ནས་བཀའ་ཁྲོལ་ཞུས་ཏེ། ད་བར་ཐའི་ཝན་དུ་རྒྱ་ཡིག་སློབ་ཚན་སྦྱང་དང་སྦྱོང་མུས་སུ་མཆིས།
སྤྱི་ལོ་ ༢༠༠༠ ལོ་དེར་འཕགས་ཡུལ་རྫོང་སར་བཤད་གྲྭར་ཞུགས་ཏེ་གཞུང་ཆེན་དག་ལ་སློབ་གཉེར་བྱས་ནས་སྤྱི་ལོ་ ༢༠༠༦ ལོར་དབུ་མའི་ཕྱག་འཁྱེར་དང་། ༢༠༠༩ ལོར་བསྟན་བཅོས་ཀྱི་ཕྱག་འཁྱེར། ༢༠༡༡ ལོར་སློབ་མཐར་ཕྱིན་ནས་སློབ་དཔོན་གྱི་ཕྱག་འཁྱེར་རྣམས་རིམ་པས་ཐོབ། དེ་དག་རིང་ཡིག་ཚད་དང་ལག་འཁྱེར་གྱི་རིམ་པ་རྣམས་ཨང་དང་པོ་དང་གནས་རིམ་དང་པོ་ཐོབ་ཡོད། དམིགས་བསལ་སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་མདུན་ནས་གདམས་ངག་མཛོད་མཚོན་པའི་ཟབ་ཆོས་མང་དག་དང་། སྐྱབས་རྗེ་མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གི་མདུན་ནས་གྲགས་ཆེན་བཅོ་བརྒྱད་ཆ་ལག་དང་བཅས་པའི་བཤད་ལུང་དང་ཟབ་ཆོས་དུ་མ་ཐོབ་པའི་སྐལ་བ་བྱུང་།