ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཚོགས་པ།

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་
བསྟན་ཚོགས་པ།

EN中文བོད
More
Overview

ཁ་ཙང་ཐའེ་ཝན་དུ་འགྲུལ་སྤྱོད་ཀྱི་དོན་རྐྱེན་ཚབས་ཆེན་ཞིག་བྱུང་པ་རེད། དོན་རྐྱེན་དེའི་ཁྲོད་སྐྱེ་བོ་ལྔ་བཅུ་ཙམ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན། རྐྱེན་ངན་འདི་ཕལ་ཆེར་ས་གནས་དེ་གར་བྱུང་བའི་ཆག་སྒོ་ཆེ་ཤོས་ཡིན་ངེས། གསར་འགྱུར་དེས་ཐའེ་ཝན་མི་མང་བཟོད་མི་ནུས་པའི་སྡུག་བསྔལ་དང་མྱ་ངན་གྱི་གནས་སུ་གྱུར་དུ་བཅུག ལས་རིགས་འདྲ་མིན་སྣ་ཚོགས་དང་ཆོས་ལུགས་གྲུབ་མཐའ་སོ་སོའི་དབུ་འཁྲིད་བཅས་ཧཱ་ལེན་(花蓮)དུ་གཅིག་རྗེས་གཉིས་མཐུད་དུ་འབྱོར་ཞིང་འདས་པོ་དག་ལ་མྱ་ངན་དང་འདས་མཆོག་སྒྲུབ་པའི་འགོ་བརྩམས། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་ཀྱང་གནས་ཚུལ་དེ་ཉིད་འབྱོར་ཐོག་ཏུ་རྒྱལ་ཡོངས་གང་སར་བཞུགས་པའི་དགེ་བཤེས་དང་མཁན་པོ། བླ་སྤྲུལ་རྣམ་པ་བཅས་ལ་བཀའ་མངག་གདན་འདྲེན་ཞུས་ཏེ་གང་མགྱོགས་ཀྱིས་ཧཱ་ལེན་དུ་འབྱོར་ཞིང་དོན་རྐྱེན་བྱུང་བའི་ཡུལ་དངོས་སུ་མྱུར་བསྐྱོད་ཀྱིས་འདས་མཆོད་ཀྱི་ཆོ་ག་ཕྱག་ལེན་རྣམས་གང་ལེགས་ཀྱིས་བསྒྲུབས་པ་རེད། གནོད་འཚེ་ཕོགས་པ་རྣམས་ལ་སྨན་ལྷའི་བཀའ་དབང་དང་ཚེ་དབང་སོགས་ཀྱང་གནང་སྟེ་ཆོས་ཕྱོགས་ནས་མཛད་འགན་གང་ལེགས་བཞེས།

ང་ཚོའི་གནས་ཚུལ་གསན་གཟིགས་ཆེད་གློག་འཕྲིན་ཁ་བྱང་གཤམ་དུ་གནང་རོགས།

Thank you! Your submission has been received!
Oops! Something went wrong while submitting the form.